ས་ཆེན་སྒུལ་བའི་གཤེད་མ།
༼དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཡོ་ལང་འཁྲིགས་པའི་མིའི་སྤྱི་ཚོགས་ཀྱི་སྣང་བརྙན་ཚིགས་སུ་བཅད་པ།༽
དུས་ངན་སྙིགས་མའི་རང་འཚང་བརྡོལ་བ་མི་ཡུལ་གླིང་གི་མཐའ་བཞིར་སྨིན།།
དེང་གི་སྤྱི་ཚོགས་འཚོ་བའི་དམིགས་དོན་སྒོར་མོའི་འཚོལ་སྒྲུབ་ཁོ་ནར་ཕྱོགས།།
སྐྱ་སེར་གཉིས་མེད་སྒོར་གྱི་དོན་དུ་གསེར་གྱི་དུས་ཚོད་འགྲན་བཞིན་བརྟས།།
ས་ཆེན་སྒུལ་བའི་གཤེད་མར་འཁུ་བའི་སྒོར་འདིའི་ཉེས་པ་འདོན་པར་སྤྲོ།།
གྲྭ་བས་ཁྱིམ་པའི་རུ་སྒོ་ཉུལ་ཏེ་སྐད་ངག་འགག་པ་སྒོར་གྱི་དོན།།
ཁྱིམ་པས་ཚེ་སྲོག་རུས་པར་གཏུགས་ཏེ་འདུར་རྒྱུགས་བྲེལ་བ་སྒོར་གྱི་དོན།།
འཕྱོན་མས་སྐག་ཚོས་གདོང་ལ་བྱུག་སྟེ་ཁྲོམ་ལམ་ཉུལ་བ་སྒོར་གྱི་དོན།།
སྡར་མས་ངོ་ཚ་རྒྱབ་ལ་གཡུགས་ཏེ་ལྟག་སྒོ་འགྲིམ་པའང་སྒོར་གྱི་དོན།
མིག་ཟུམ་ཐལ་སྦྱོར་དབྱངས་རྟའི་ཁྲོད་ན་རྔ་སྦུབ་འཁྲོལ་བ་སྒོར་གྱི་དོན།།
ངོ་འབག་སྟུག་པོའི་སྐྱོ་ཉམས་གྱོན་ཏེ་སྤྱིོ་དོན་སྨྲ་བ་སྒོར་གྱི་དོན།།
ཚུལ་འཆོས་ལྭ་བའི་རུམ་ཁ་ཟུམ་ཏེ་ཉམས་ལེན་འཆད་པ་སྒོར་གྱི་དོན།།
བླ་མའི་ཐོབ་ལ་བརྩོན་ལེན་བྱས་ཏེ་ཁྲི་ཁར་འགྱིང་བའང་སྒོར་གྱི་དོན།།
སྤྲང་བོའི་སློང་ཁ་ཉི་མར་གཟེད་དེ་སྨྲེ་ངག་བཟློ་བ་སྒོར་གྱི་དོན།།
སྐུ་ངོའི་རྐུབ་སྟེགས་བཙན་གྱིས་སྲུང་སྟེ་ཨུ་ཚུགས་སྦྲེལ་བ་སྒོར་གྱི་དོན།།
ཕྱི་གླིང་ཨ་མའི་གཉེར་རིས་འཚོས་ཏེ་འཛུམ་མདངས་བསྣོལ་བ་སྒོར་གྱི་དོན།།
དཔྱོད་ལྡན་བླུན་པོའི་གཡོག་ཏུ་རྒྱུགས་ཏེ་ངོ་སོ་སློང་བ་སྒོར་གྱི་དོན།།
སྒོར་མོ་འདི་ཡིས་རིག་ལྡན་སློབ་མའི་བརྩོན་པའི་གོམ་འགྲོས་ལྷོད་པར་བྱེད།།
སྒོར་མོ་འདི་ཡིས་སྨྱུག་ཐོགས་མཁས་པའི་བསམ་བློའི་ཁ་ཕྱོགས་བསྒྱུར་བར་བྱེད།།
སྒོར་མོ་འདི་ཡིས་རྒྱལ་གཅེས་དཔའ་བོའི་རིགས་ཞེན་ལྟ་གྲུབ་བརླག་པར་བྱེད།།
སྒོར་མོ་འདི་ཡིས་ཡང་དག་བཙུན་པའི་ཚུལ་ཁྲིམས་མཛེས་པ་འཕྲོག་པར་བྱེད།།
སྒོར་མོ་འདི་ཡིས་སྲིད་འཛིན་དཔོན་པོའི་སྤྱི་ཚོགས་ལམ་ལུགས་གཡོ་བར་བྱེད།།
སྒོར་མོ་འདི་ཡིས་བསྟན་འཛིན་སྐྱེས་བུའི་གྲུབ་མཐའི་རྩ་བ་འཆོལ་བར་བྱེད།།
སྒོར་མོ་འདི་ཡིས་འདྲིས་པའི་གྲོགས་ཀྱི་ཕྱི་ཐག་རི་མོ་བསུབ་པར་བྱེད།།
སྒོར་མོ་འདི་ཡིས་བརྩེ་བའི་གཉེན་གྱི་ཤ་ཁྲག་འབྲེལ་བ་གཅོད་པར་བྱེད།།
ཉེས་ཅན་སྐྱོན་གྱི་དྲི་མས་ཚོས་ཀྱང་སྒོར་མོ་ཡོད་ན་འདག་པར་ནུས།།
ནད་མནར་ཚེ་ཡི་ཉེན་ཁར་ཐུག་ཀྱང་སྒོར་མོ་ཡོད་ན་སྐྱོབ་པར་སླ།།
ལག་དམར་སྙིང་གི་དགྲ་ཟླར་ལངས་ཀྱང་སྒོར་མོ་ཡོད་ན་འདྲིས་པར་བྱེད།།
ཇག་རྐུན་རིགས་ཀྱི་ཞབས་འདྲེན་གྱུར་ཀྱང་སྒོར་མོ་ཡོད་ན་བརྩི་མཐོང་ཆེ།།
ཀ་ཁའི་ཡིག་རྨོངས་གཤིས་སུ་འཇགས་ཀྱང་སྒོར་མོ་ཡོད་ན་གཟི་བརྗིད་ཅིག།
སྐད་ཆའི་སྤྱི་འགྲོས་དྲི་མས་ལྷད་ཀྱང་སྒོར་མོ་ཡོད་ན་ཆེ་མཐོང་ཞིག།
གཉེན་ཉེའི་འཁོར་ཚོགས་ཅི་ཡང་སྟོང་ཀྱང་སྒོར་མོ་ཡོད་ན་རྒྱབ་དཔུང་ཞིག།
ཤེས་བྱའི་མ་ལག་སྣ་གཅིག་བྲལ་ཡང་སྒོར་མོ་ཡོད་ན་མཁས་རབས་ཤིག།
སྒོར་མོ་ཡོད་ན་དགྲ་བོ་ཡིན་ཡང་ཟིལ་གྱིས་དབང་དུ་བསྡུ་བར་བྱེད།།
སྒོར་མོ་ཡོད་ན་མིག་གཉིས་ལོང་ཀྱང་མཛེས་སྡུག་གཟི་བརྗིད་སྣོན་པར་བྱེད།།
སྒོར་མོ་ཡོད་ན་རྒྱལ་སྲས་ཡིན་ཡང་ཚེ་གཅིག་བཟའ་ཟླར་འདུ་བར་བྱེད།།
སྒོར་མོ་ཡོད་ན་ལྟ་ལོག་ཡིན་ཡང་ཡ་རབས་གྲོགས་སུ་བགྲང་བར་བྱེད།།
མཁས་པ་ཡིན་ཡང་གཟུ་བོར་གནས་རུང་སྒོར་མོ་མེད་ན་གྲགས་སྙན་ཆུང་།།
དཔོན་པོ་ཡིན་ཡང་སྤྱི་སེམས་ཆེ་རུང་སྒོར་མོ་མེད་ན་བརྩི་མཐོང་དམན།།
དཔའ་བོ་ཡིན་ཡང་སྙིང་སྟོབས་ཆེ་རུང་སྒོར་མོ་མེད་ན་དཔུང་རོགས་ཉུང་།།
བླ་ཆེན་ཡིན་ཡང་རྟོགས་པ་མཐོ་རུང་སྒོར་མོ་མེད་ན་གདུལ་བྱ་ཉུང་།།
སྒོར་མོའི་ཕྱིར་དུ་རྟེན་གསུམ་བཤིག་རུང་སྒོར་མོས་འབྱོར་ཚེ་འཇོན་པོར་བརྩི།།
སྒོར་མོའི་ཕྱིར་དུ་བརྐུ་འཕྲོག་བྱས་རུང་ཕྱུག་པོ་ཆགས་ཚེ་ཡ་རབས་ཟེར།།
སྒོར་མོའི་ཕྱིར་དུ་མང་ཚོགས་བསླུས་རུང་སྒོར་མོ་ལྡན་ཚེ་དམ་པར་འབོད།།
སྒོར་མོའི་ཕྱིར་དུ་ཕ་མར་རྒོལ་རུང་སྒོར་མོ་འཛོམས་ཚེ་གཞུང་དྲང་སྨྲ།།
སྒོར་མོའི་ཆེད་དུ་བརྩེ་བའི་ཕ་མར་ལྐོག་ངན་འཆང་བའི་ཀླད་སྟོང་མང་།།
སྒོར་མོའི་ཆེད་དུ་མཛའ་བའི་གྲོགས་པོར་རྒོལ་རྡུང་བྱེད་པའི་ཅོལ་ཆུང་མང་།།
སྒོར་མོའི་ཆེད་དུ་དྲིན་ཅན་བླ་མར་ངོ་ལོག་མཛད་པའི་བྱེད་གཏེ་མང་།།
སྒོར་མོའི་ཆེད་དུ་གཅེས་པའི་བུ་ཕྲུག་ཚོང་དུ་བསྒྱུར་བའི་སྨྱོན་པ་མང་།།
ཡ་གིའི་མཐོན་པོའི་སྟེགས་ཀྱི་དཔོན་ནས་མ་གིའི་སྲང་གི་སྤྲང་བོའི་བར།།
གཅིག་ལས་གཅིག་འགྱོགས་འགྲན་དུ་བཙུགས་ཏེ་ཐམས་ཅད་སྒོར་མོའི་ལས་སུ་འདུར།།
ཀྱེ་མ་ཀྱེ་ཧུད་མི་ཡི་བརྩི་མཐོང་ནོར་གྱིས་གཞལ་བའི་འཇིག་རྟེན་དུ།།
སྒོར་མོ་མེད་ན་ཕ་མ་མ་གཏོགས་མཐོང་ནི་མེད་པ་ཅི་ཡང་བདེན།།

Comments
Post a Comment
འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་དྲ་དེབ་ཀྱི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས། དྲ་བདག་ཤིས་ཚང་ལྗང་མྱུག་གིས།