2009/05/26

ཁོ་སུ་རེད་དམ།

ཡལ་འདབ་འཛིངས་པའི་སྡོང་མགོ་དེ་ནས་
སིལ་ཏོག་སྙིང་རྗེ་བོ་ཞིག ཐོལ་གྱིས་ལྷུང་བྱུང
ངས་ཚོད་ཚོད་ལ་ཟ་འདོད་མེ་ལྟར་འབར་ཀྱང
ཨ་མས་བཤད་ན དེ་རུ་ནད་ཡམས་ཤིག་གི་འབྱུང་རྐྱེན་ཡོད་རབས་ཟེར
ཨ་ཕས་སྨྲ་ན དེ་ནི་མེས་པོ་ཤི་བའི་འདས་རྐྱེན་ལའང་འབྲེལ་ཟེར

གཏམ་ཡན་གློ་བུར་བ་ཞིག་གིས ང་ཡང་ཧར་གྱིས་བསྡམས་སོང་ལ
སིལ་སྡོང་གི་རྩེ་རུ་སྨིན་པའི་ཤིང་ཏོག་ཁེར་རྐྱང་དེའང
མིག་ལ་ཡང་ཡང་ཐོགས་དགོས་བྱུང

ཕྱི་མིག་དང་འཛུམ་མདངས་ཀྱི་སྣེ་ནས སིལ་སྡོང་དེ་དེ་ལྟར་རྒས་ཤིང་
རྣམ་རྟོག་དང་འདུ་འཛི་ཡི་གསེང་ནས སིལ་ཏོག་དེ་སླར་ཡང་དྲན་དུས
ང་ནི བྱེ་མ་མོད་པའི་བྱང་ཐང་ཞིག་གི་བདག་པོར་གྱུར་ཡོད
ཁོ་ཡང ཙད་པ་ཆེ་བའི་ཡུལ་ལུང་ཞིག་གི་སྤྲང་བོར་གྱུར་སོང

འདས་དོན་གྱི་ཀློང་ནས་ཐོལ་གྱིས་སད་པ་ནི
ཁྱི་སྨྱོན་མགོར་རྡོ་ཕོག་པ་དང་འདྲ་བར
སྨྱོ་འཚུབ་འཚུབ་དང་དབུགས་ལྷེམ་ལྷེམ་དུ
གབ་ཚིག་ཞིག་གི་སྦས་དོན་གླེང་བཞིན
སླར་ཡང དོན་རྐྱེན་ཞིག་གི་གསེང་དུ་ཡིབ་སོང
དོན་ངོ་མར ཁོ་སུ་རེད་དམ
༢༠༠༩།༥།༢༠ཉིན་ལ།

3 comments:

  1. གྲོགས་པོ་ལགས། ཉིད་ཀྱིས་དྲ་ཚིགས་བོད་ཁུག་འདི་དངོས་ནས་ཡག་པོ་འདུག རབ་ཡིན་ན་དུས་བབ་ཚང་གི་དེ་བཞིན་དུ་དྲ་གྲོགས་གཞན་པ་དག་གི་ཆེད་དུ་གླེང་མོལ་བྱེད་སའི་གར་སྟེགས་ཤིག་བཟོས་དེ་མགྲོན་དུ་བོས་དེ་རང་དབང་ལ་ཚད་འཛིན་མེད་པའི་གླེང་སྟེགས་ཤིག་བཟོ་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་ཡོད་ས་རེད། བསམ་ཚུལ་འདི་ཉིན་རན་པོ་ཡོད་མེད་ངས་གསལ་བོ་ཞིག་མི་ཤེས། སྐུ་ཉིད་ཀྱིས་བསམ་བློ་ཞིབ་དུ་བཏང་ནས་ཐག་གཅོད་བྱས་ན་འཐུས་པ་རེད། ད་རེ་དེ་ཙམ་ཞུ། རྗེས་ཕྱོགས་ཡང་ཡང་བསྐོར་ར་བྱེད་དུ་ཡོང་ངེས་ཡིན།

    བོད། ཤ་ཁྲག་རུས་གསུམ་ནས།

    ReplyDelete
  2. གྲོགས་པོ་ལགས། ཕཻབས་པར་དགའ་བསུ་ཞུ། ངས་ཀྱང་གང་ཐུབ་ཀྱིས་འབད་བརྩོན་བྱེད་ངེས་ཡིན། ཡང་ཡང་ཕྭེབས་པའི་རེ་བ་ཡོད།

    ReplyDelete
  3. ཨ་འདུས་མིག་ཆུJanuary 22, 2010 at 7:54 AM

    ཤིས་ཚང་ལྗང་མྱུག་ལགས་སུ།བཀྲ་ཤིས་བདེ་ལེགས་ཞུ།

    ReplyDelete

འདིར་བསམ་འཆར་སྤེལ་བར་དགའ་བསུ་ཞུ། རང་ཉིད་ཀྱི་མིང་ངམ་མིང་ཚབ་སྤྱོད་འདོད་ན་Comment as:ཞེས་པའི་འགྲམ་གྱི་གདམ་ངའི་ཐིག་བྱང་ལས་Name/URLའདེམས་དགོས། དེ་མིན་མིང་མེད་པར་སྤེལ་འདོད་ན་ཐད་ཀར་སྤེལ་ཆོག་ལ་ཐིག་བྱང་ལས་Anonymousཞེས་པ་འདེམས་ཀྱང་ཆོག དཔྱད་གཏམ་སྤེལ་ཚར་རྗེས་མདུན་ཤོག་སྟེང་དུ་ཕྱིར་འགྲོ་འདོད་ན་ཀླད་ཀྱི་དྲ་དེབ་ཀྱི་མིང་བྱང་སྟེང་དུ་མནན་ན་ཆོག་ལ་འདབས་ཀྱི་Homeཞེས་པའི་སྟེང་དུ་མནན་པས་ཀྱང་ཆོག འདིར་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུགས་དང་ཕན་ཚུན་འཚང་འབྱིན་རིགས་ངེས་པར་དུ་སྤོངས། དྲ་བདག་ཤིས་ཚང་ལྗང་མྱུག་གིས།